Feed block as an alternative feed resource for Yaks

5th March, 2021: The Department of Livestock handed over 3087 Kgs of feed blocks to the Chair Person of Haalung Lhanor Nyamlay Tshokdhey, Haa, as an alternative winter feed resource for yaks. The feed blocks were produced by the National Highland Research and Development Center (NHRDC) in collaboration with National Research Development Center for Animal Nutrition (NRDCAN), Jakar.

The feed and fodder shortage mainly in yaks during the lean period in winter is reported to be a major concern next to wildlife depredation in highland Dzongkhags. The reduced feed supply from natural pastures to meet the feed demand of highland animals in the winter months as well as the limited supply of supplementary feeds result in low calving and growth rates due to the poor body condition of the animals. The lack of adequate feed resources also leads to reduced productivity and mortality of animals (yak, horse and sheep) while on migration from winter lowlands to the higher summer grazing areas. 

Recognizing the urgent need to provide alternative feed resources especially in the four winter months (December to March), the NHRDC and NRDCAN initiated feed block production which is a composite of paddy straw (88%), molasses (10%), slat (1 %) and mineral mixture (1%) to be supplied to highlanders. The production of feed blocks was done by farmers’ groups in different Dzongkhags with technical support from NHRDC and NRDCAN. The feed blocks were then procured by NHRDC through the Highland Development Program to be supplied to the highlanders to address the feed shortage and provide nutritional supplementation to the animals.

This initiative is rolled out on a pilot basis to assess the impact of winter feed supplementation on the overall health of yaks in the lean months and based on its success, this intervention can be further strengthened to help the highland communities and their animals.

Reported By: NHRDC

ཧཱ་ལུང་ལ་ནོར་མཉམ་ལས་ཚོགས་སྡེ་ལུ་ སུ་མ་ལས་བཟོ་སྦྱོར་འབད་ཡོད་པའི་ཆག་གི་སྤག་ཅུང་རྩིས་སྤྲོད་ཡོདཔ།

༉ རང་ལུགས་གནམ་ལོ་ ལྕགས་མོ་གླང་ལོ་ རང་ཟླཝ་༡ པའི་ཚེས་༢༢ དང་སྤྱི་ཚེས་༠༥-༠༣-༢༠༢༡ ལུ་ ཧཱ་རྫོང་ཁག་ དབུས་སུ་རྒེད་འོག་ རྫོང་ཁག་སྒོ་ནོར་སྨན་ཁང་ནང་ལུ་འབད་ སྒོ་ནོར་ལས་ཁུངས་ཀྱི་རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་གོང་འཕེལ་ལྟེ་བའི་འགོ་འདྲེན་གྱི་ཐོག་ལས་ཚན་རིག་གི་ཐབས་རིག་ཐོག་ སུ་མ་ལེགས་སྤྱོད་འབད་དེ་རྫས་སྦྱོར་སྣ་ཚོགས་བླུགས་ཞིནམ་ལས་ ཆག་གི་སྤག་ཅུང་ཡོངས་བསྡོམས་མེ་ཀྲིག་ཀྲན་༣ཙམ་བཟོ་ཡོད་མི་འདི་ སྒོ་ནོར་ལས་ཁུངས་ཀྱི་མདོ་ཆེན་གྱི་ ཧཱ་ལུང་ལ་ནོར་མཉམ་ལས་ཚོགས་སྡེའི་ཁྲི་འཛིན་དང་བཀོད་ཚོགས་ཀྱི་འཐུས་མི་ཚུ་ལུ་རྩིས་སྤྲོད་གནང་ཡི་ མདོ་ཆེན་གྱི་བཤད་མི་ནང་ལུ་ ལས་རིམ་འདི་བཟུམ་འབད་འགོ་འདྲེན་འཐབ་དགོ་པའི་དམིགས་དོན་ངོ་མ་རང་ སྒོ་ནོར་སེམས་ཅན་ག་ཅིག་རང་གསོ་སྐྱོང་འཐབ་དགོ་རུང་ རྩྭ་ཆག་འདི་མེད་ཐབས་མེདཔ་ཞིག་ཨིནམ་མ་ཚད་ ལ་གོང་གིསུམ་གྱི་ཐད་ཁར་ རྩྭ་ཆག་མ་ལངས་པའི་དཀའ་ངལ་སྦོམ་འབད་རང་ཡོདཔ་ལས་ གནམ་དགུན་རྩྭ་ཆག་གི་དཀའ་ངལ་གསལ་ཐབས་དང་ གཡག་གི་གཟུགས་ཁམས་དང་སྟོབས་ཤུགས་སྒྲིང་སྒྲིག་འབད་བཞག་ནི་དང་ ལྷག་པར་དུ་ཡང་ཐོན་ཤུགས་ཡར་སེང་གི་དོན་ལུ་བཟོ་སྦྱོར་འབད་ཡོདཔ་མ་ཚད་ གཡག་ཤི་རྐྱེན་ལས་ཡང་བཀག་ཐབས་ཀྱི་དོན་ལུ་ཨིན་ཟེར་བཤད་ཅི་ ད་ལྟོ་བཟོ་ཡོད་མི་ཆག་གི་སྤག་ཅུང་འདི་ནང་ལུ་གཡག་གི་གཟུགས་ཁམས་ལུ་ཕན་ཐོག་ཚུགས་པའི་རྫས་སྦྱོར་བླུགས་ཡོདཔ་ལས་ཕན་སྦོམ་འབད་རང་ཐོག་ཚུགས་པའི་རེ་བ་ཡོད་ཟེར་བཤད་ཅི་  དོ་རུང་མདོ་ཆེན་གྱི་འབད་བ་ཅིན་ མཉམ་ལས་ཚོགས་སྡེ་གི་ད་ལས་ཕར་གཡག་གོང་འཕེལ་དང་ཐོན་སྐྱེད་ལེགས་སྤྱོད་ཀྱི་ལས་རིམ་ཚུ་མཉམ་གཙོ་བོར་བཏོན་དགོཔ་འདུག་ཟེར་བཤད་ཅི་ རྩིས་སྤྲོད་ཀྱི་སྐབས་ ལ་ནོར་མཉམ་ལས་ཚོགས་སྡེའི་ཁྲི་འཛིན་ བསོད་ནམས་རྡོེ་གིས་བཤད་མི་ནང་ ལ་ནོར་མཉམ་ལས་ཚོགས་སྡེའི་འཐུས་མི་ཚུ་ལུ་ ད་རེས་སྒོ་ནོར་ལས་ཁུངས་ཀྱི་ཚན་རིག་གི་ཐོག་བཟོ་སྦྱོར་འབད་དེ་གནང་ཡོད་པའི་ཆག་གི་སྤག་ཅུང་འདི་གི་ཕན་སྦོམ་འབད་རང་ཐོག་ནི་ཨིན་མི་དེ་ཡང་ ལ་གོང་གསུམ་གྱི་གནས་སྟངས་དང་འཁྲིལ་ཏི་ རྩྭ་འབྲོག་སྤྱོད་ནིའི་དོན་ལུ་ ས་སྒོ་སྤོ་སོར་འགྱོ་བའི་སྐབས་ རྩྭ་མེད་པའི་དཀའ་ངལ་སྦོམ་འབད་རང་ཡོདཔ་ལས་ དེའི་དོན་ལུ་ཕན་ཐབས་སྦོམ་འབད་རང་ཡོདཔ་ལས་ ད་ལས་ཕར་ཡང་ མཉམ་ལས་ཚོགས་སྡེའི་འགོ་འདྲེན་ཐོག་ མཁོ་གྲུབ་འབད་ནིའི་རེ་བ་ཡོད་ཟེར་བཤད་ཅི་ ལས་རིམ་འདི་ནང་ལུ་ སྒོ་ནོར་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་གྱི་གཙོ་འཛིན་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་གོང་འཕེལ་ལྟེ་བའི་ལས་རིམ་མདོ་ཆེན་ སྒོ་ནོར་འཕྲོད་སྟོན་གྱི་གཙོ་འཛིན་ ཧཱ་རྫོང་ཁག་སྒོ་ནོར་འགོ་དཔོན་དང་ གཞན་ཡང་སྒོ་ནོར་ལས་བྱེད་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན། ལས་རིམ་འདི་རྒྱལ་ཡོངས་ས་ཁ་མཐོ་སའི་གོང་འཕེལ་དང་ཞིབ་འཚོལ་ལྟེ་བ་གིས་མ་དངུལ་རྒྱབ་སྐྱོར་གྱི་ཐོག་འགོ་འདྲེན་འཐབ་ཡོདཔ་ཨིན།

ཀུན་ལེགས་རིན་ཆེན་གྱི་བསྡུ་སྒྲིག་འབད་ཡོདཔ་ཨིན།

image_pdfimage_print