ས་ཁ་མཐོ་སའི་སྒོ་ནོར་ལས་བྱེད་ཚུ་ལུ་ གཡག་དང་ལུག་གི་བལ་ལག་སྤྱོད་འབད་ནིའི་གོ་བརྡའི་ལས་རིམ།

ས་ཁ་མཐོ་སའི་སྒོ་ནོར་ལས་བྱེད་ཚུ་ལུ་ གཡག་དང་ལུག་གི་བལ་ལག་སྤྱོད་འབད་ནིའི་གོ་བརྡའི་ལས་རིམ།

ང་བཅས་རང་འབྲུག་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུག་ལས་རང་ རྒྱུ་གཡག་དང་ལུག་གི་བལ་ལས་ཐོན་སྐྱེད་འབྱུང་ཡོད་པའི་ གོ་ལ་ འབྱཱ་ གུར་ ཐགཔ་ མལ་ཆ་དང་གཞན་ཡང་ཅ་ཆས་སྣ་ཚོགས་བཟོ་བསྐྲུན་འབད་དེ་ལག་ལེན་འཐབ་སྟེ་རང་ཡོད་མི་དེ་ངོ་རྟགས་བཟང་པོ་ཅིག་ཨིན་རུང་ རྒྱལ་ཁབ་གོང་འཕེལ་དང་དུས་ཀྱི་འགྲུར་བ་དང་འཁྲིལ་ བལ་གྱི་ཅ་ཆས་དང་འཐོན་སྐྱེད་བཟོ་བསྐྲུན་འབད་ནི་དང་ དེའི་མཁས་མཆོག་ཡོད་མི་ཚུ་ལོ་ལྟར་ཞིན་དུ་མར་ཉམས་འགྱོ་དོ་ཡོདཔ་ལས་རྟེན་ ང་བཅས་རང་ག་ར་ཚ་རྒྱང་ལངས་དགོ་པའི་དུས་ཁར་ལྷོད་ཡོད་ རང་ལུགས་སྔར་སྲོལ་བཟང་པོའི་ བལ་ལག་ལེན་འཐབ་ཐངས་ཀྱི་མཁས་མཆོག་ཚུའི་རིག་རྩལ་སྤེལ་ནི་དང་ འཐོན་སྐྱེད་ངོས་འཛིན་འབད་ནི་ ཡིག་ཐོག་ལུ་བཀོད་དེ་ཀི་སྡེབ་པར་བསྐྲུན་འབད་ནི་དང་འཆར་གཏི་བརྩོམ་ནིའི་དོན་ལུ་ ས་ཁ་མཐོ་སའི་རྫོང་ཁག་ ཧཱ་ སྤ་རོ་ མགར་ས་ བཀྲིས་སྒང་  དབང་འདུས་ཕོ་བྲང་ ཐིམ་ཕུག་དང་ བུམ་ཐང་བྱ་དཀར་ ས་ཁ་མཐོ་སའི་ཞིབ་འཚོལ་གོང་འཕེལ་ལྟེ་བའི་ནང་ལས་ སྒོ་ནོར་ལས་བྱེདཔ་༡༧ གིས་ སྤྱི་ཚེས་༢༨-༠༢-༢༠༢༠ ལས་ ༠༡-༠༣-༢༠༢༠ ཚུན་ཉིན་གྲངས་གསུམ་གྱི་ བུམ་ཐང་བདེ་ཆེན་དཔལ་རི་ཐང་ རྒྱལ་ཡོངས་ལུག་རིགས་རྒྱུད་སྤེལ་ཁང་ནང་ལུ་ ལག་ཐོག་སྦྱོང་བརྡར་གྱི་ལས་རིམ་ནང་ལུ་བཅའ་མར་གཏོགས་ཡོདཔ་ཨིན།

དེའི་སྐབས་ བལ་ལག་ལེན་འཐབ་སྟེ་ཅ་ཆས་མ་འདྲཝ་བཟོ་མི་མཁས་མཆོག་ རིན་སྤུངས་རྫོང་ཁག་ བཙན་ཏོག་རྒེད་འོག་ གཡུས་སོད་གཡག་ས་ལས་ ཀུན་བཟང་དང་ བཟོ་བོ་བཙན་སྐྱོགས་གཉིས་ཀྱི་ཡང་བཅའ་མར་གཏོགས་ཡོདཔ་མ་ཚད་ ཡོན་ཏན་ཚུ་བརྗེད་སོར་འབད་ཡི་ དོ་རུང་ ད་ལྟོ་སྡོད་ནས་བུམ་ཐང་ལུ་ཡོད་པའི་ བཀྲིས་སྒང་རྫོང་ཁག་ ཁ་གླིང་ལས་ཨིན་མི་ ངོ་མིང་ཨོ་རྒྱན་རྡོེ་གིས་ཡང་བཅའ་མར་གཏོགས་ཡོདཔ་མ་ཚད་ ཁོ་གིས་བཤད་མི་ནང་ལུ་ ཁོ་རའི་ཕམ་གྱི་སྐབས་ལས་རང་ མི་ཐེངས་གསུམ་གྱི་རིང་ལུ་བལ་གྱི་ལཱ་འབད་ནི་ནང་ལུ་མཁས་མཆོག་ཡོད་པའི་ཁར་ ད་ལྟོ་ཁོ་གིས་ཡང་ཁོ་རའི་ཕམ་ལས་ཐོབ་ཡོད་པའི་ལག་རྩལ་ཚུ་རྒྱུན་མ་ཉམས་པར་བལ་གྱི་ལཱ་ཚུ་འབད་ཡོདཔ་ལས་རྟེན་ འདི་བཟུམ་མའི་མཁས་མཆོག་ཚུ་མ་ཉམས་པར་བཞག་ནིའི་དོན་ལུ་ ན་ཞོན་དངས་འདོད་དང་སྤྲོ་བ་ཡོད་མི་ག་ར་ལུ་སྟོན་བྱིན་ནི་ཨིན་ཟེར་བཤད་ཅི་ དེ་ལས་རྒྱལ་ཡོངས་ལུག་རིགས་རྒྱུད་སྤེལ་ཁང་ནང་ལུ་ ལཱ་འབད་མི་ཚུ་གིས་ཡང་ བལ་གྱི་འཕྲུས་ཆས་ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་སློབ་སྟོན་འབད་དེ་གོ་བརྡ་སྤྲོད་གནང་ཡི། ད་ལས་ཕར་ལོ་ལྟར་ཞིན་དུ་ གཡག་དང་ལུག་གི་བལ་ལག་ལེན་འཐབ་ནི་དང་མི་སེར་ཚུ་ལུ་གོ་བརྡ་སྤེལ་ནིའི་ལས་རིམ་དང་ འཐོན་སྐྱེད་བཟོ་བསྐྲུན་དང་ཡིག་ཐོག་ལུ་བཀོད་ནིའི་ལས་རིམ་ཚུ་ལེགས་ཤོམ་འབད་འཆར་གཞི་བརྩོམ་ཚར་ཡོདཔ་མ་ཚད་ ཕམ་རྒན་ཤོས་ཚུ་ལུ་ཡོད་པའི་ལག་རྩལ་དང་ཡོན་ཏན་ཚུ་ཡང་བུ་རྒྱུད་ཚུ་ལུ་སྤེལ་ནིའི་ལས་རིམ་ཚུ་ཡང་བརྩོམ་གནང་ཡི། ལས་རིམ་འདི་ སྒོ་ནོར་ལས་ཁུངས་ཀྱི་འོག་ལུ་ཡོད་པའི་ ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་དང་ རྒྱལ་ཡོངས་ལུག་རིགས་རྒྱུད་སྤེལ་ཁང་གཉིས་མཉམ་རུབ་ཀྱི་ཐོག་འགོ་འདྲེན་འཐབ་ཡོདཔ་ཨིན

image_pdfimage_print