རྒྱལ་ཡོངས་གཅིག་སྡོམ་གཡག་གསོ་སྐྱོང་ཁང་ནང་ ལ་ནོར་གཡག་གི་ཕ་སོན་ཁབ་སྦྲགས་ནིའི་སྦྱོང་བརྡར་འགོ་བཙུགས་ཡོདཔ།

༉ སྒོ་ནོར་ལས་ཁུངས་ཀྱི་ཞིབ་འཚོལ་དང་བརྒྱ་སྐྱེད་སྡེ་ཚན་གྱི་ལས་རིམ་འགོ་འདྲེན་པ་ ས་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་བུམ་ཐང་དང་ རྒྱལ་ཡོངས་སྒོ་ནོར་གོང་འཕེལ་ཞིབ་འཚོལ་ལྟེ་བ་འོད་གསལ་སྤང་གཉིས་མཉམ་རུངབ་ཀྱི་ཐོག་ལས་ ད་རེས་སྤྱི་ཚེས་༡༩-༠༢-༢༠༢༡ ལས་༠༤-༠༣-༢༠༢༡ ཚུན་བདུན་ཕྲག་གཉིས་ཀྱི་རིང་ལུ་ རྒྱལ་ཡོངས་གཅིག་སྡོམ་གཡག་གསོ་སྐྱོང་ཁང་ལྟེ་བ་ཧཱ་ལུ་འབད་ ལ་ནོར་གཡག་གི་དོན་ལུ་ཕ་སོན་ཁབ་བཙུགས་ནིའི་སྦྱོང་བརྡར་འགོ་འདྲེན་འཐབ་ཡོད་མི་དེ་ནང་ ཞིབ་འཚོལ་ལྟེ་བ་བུམ་ཐང་དང་ གཡག་གསོ་སྐྱོང་སྟེ་བའི་ལས་བྱེདཔ་དང་གཞན་ཡང་ ས་ཁ་མཐོ་སའི་རྫོང་ཁག་ མགར་ས་ ཐིམ་ཕུག་ སྤ་རོ་ ཧཱ་ལས་ རྒེད་འོག་སྒོ་ནོར་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན། སྦྱོང་བརྡར་འགོ་འབྱེད་ཀྱི་སྐབས་ སྒོ་ནོར་ལས་ཁུངས་ཀྱི་ཞིབ་འཚོལ་དང་བརྒྱ་སྐྱེད་སྡེ་ཚན་གྱི་གཙོ་འཛིན་ལྟའུ་ཅུ་རབ་རྒྱས་ཀྱི་བཤད་དོ་བཟུམ་འབད་བ་ཅིན་ སྦྱོང་བརྡར་གྱི་དམིགས་ཡུལ་ངོ་མ་རང་ ས་ཁ་མཐོ་སའི་མི་སེར་ཚུ་གི་འཚོ་བ་གོང་འཕེལ་གྱི་དོན་ལུ་གཡག་གི་རིགས་སྤུས་ཚད་ཅན་ཡོད་མི་ཚུ་བདག་འཛིན་འབད་ནི་དང་གོང་འཕེལ་བཏང་ནི་ཨིན་པའི་ཁར་ གོང་འཕེལ་གྱི་ལས་རིམ་ཚུའི་གྲལ་ལས་ ལ་ནོར་གཡག་གི་ནང་ལུ་ཞིབ་འཚོལ་འབད་ནིའི་གོ་སྐབས་དང་འོས་འབབས་སྦོམ་འབད་རང་འདུག་ཟེར་བཤད་ཡོདཔ་ཨིན་ དོ་རུང་ཁོ་གིས་བཤད་མི་ནང་ལུ་ རྒྱལ་ཡོངས་གཅིག་སྡོམ་གཡག་གསོ་སྐྱོང་དེ་ཡང་ཧཱ་ལུ་ཆགས་ཡོདཔ་ལས་རྟེན་ ཕ་སོན་ཁབ་ཀྱི་སྦྱོང་བརྡར་འབད་ནི་དང་གཡག་གི་རིགས་བདག་འཛིན་འབད་ནི་ལུ་ཁེ་ཕན་སྦོམ་འབད་རང་ཡོད་ཟེར་ཨིན་པས་ ས་ཁ་མཐོ་སའི་ལས་རིམ་མདོ་ཆེན་ དྲོག་ཀྲར་བི་རྗེ་རའི་ཀ་གིས་བཤད་མི་ནང་ལུ་ འདི་བཟུམ་གྱི་ལས་རིམ་འགོ་འདྲེན་འཐབ་དགོ་མི་ཙོ་བོར་རང་ ལུང་ཕྱོགས་ནང་ལུ་གཡག་གི་རིགས་དྲག་ཤོས་ཅིག་ང་བཅས་རང་འབྲུག་ལུ་ཡོདཔ་ལས་ ཚན་རིག་གི་ཐོག་ལས་ གཡག་གི་རིགས་ལེགས་ཤོམ་ཚུ་བཙག་འཐུ་འབད་ཞིནམ་ལས་ སོན་ཚུ་བདག་འཛིན་འབད་དེ་བཞག་ནི་དེ་ག་ནི་བ་ཁག་ཆེ་ཟེར་བཤད་ཡོདཔ་ཨིན་ ཐིམ་ཕུག་འོད་གསལ་སྤང་རྒྱལ་ཡོངས་སྒོ་ནོར་གོང་འཕེལ་ཞིབ་འཚོལ་ལྟེ་བ་ནང་ལས་ སྦྱོང་བརྡར་གྱི་ཐོན་སྐྱེདཔ་མཁས་དབང་དྲོག་ཀྲར་རྡོེ་གིས་བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་སྦྱོང་བརྡར་འདི་དྲན་གསོའི་སློབ་སྦྱོང་ཨིན་མི་དེ་ཡང་བཅའ་མར་གཏོགས་མི་མང་ཤོས་རང་ བ་ནོར་ཚུ་ནང་ལུ་དུས་རྒྱུན་དུ་ཕ་སོན་ཁབ་བཙུགས་ཡོད་པའི་ཉམས་མྱོང་ཡོདཔ་ལས་རྟེན་ཨིན་ཟེར་བཤད་ཅིག་ ཨིན་རུང་གཡག་ཟེར་བའི་སྒོ་ནོར་སེམས་ཅན་ཚུ་ ངོ་ཚ་ཅན་ཅིག་ཨིན་མ་ལས་རྟེན་ ལག་ལེན་འཐབ་ནི་ནང་ལུ་ལཱ་ཁག་དང་གདོང་ལེན་འབྱ྄ང་སྲིད་རུང་ ཐབས་རིག་གི་ཐོག་ལས་འབད་ནི་དེ་ག་ནི་བ་ཡང་ཁག་ཆེ་ཟེར་བཤད་ཅིག་ སྦྱོང་བརྡར་གྱི་སྐབས་ ལ་ནོར་གཡག་གི་སྐྱེ་འཕེལ་དང་འུར་བའི་རྟགས་ཚན་ དུས་ཚོད་ ཕ་གཡག་བཙག་འཐུ་དང་སོན་ཚུ་ག་དེ་འབད་བཞོ་ནི་ཨིན་དང་གཞན་ཡང་ ཁབ་སོན་གྱི་ཁེ་ཕན་ཚུའི་སྐོར་ལས་དང་ལག་ལེན་འཐབ་ཐངས་ཀྱི་ཉམས་ལེན་ཚུ་ རྒྱལ་ཡོངས་གཅིག་སྡོམ་གཡག་གསོ་སྐྱོང་ཁག་ནང་ལུ་འབད་འགོ་འདྲེན་འཐབ་ནི་ཨིནམ་པའི་ཁར་ སྦྱོང་བརྡར་གྱི་མ་དངུལ་རྒྱབ་སྐྱོར་ཚུ་ཡང་ ས་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་དང་བལ་བུ་ལུ་ཡོད་པའི་ཨིསི་མོཀྲི་གི་གནང་ཡོད་པའི་གནས་ཚུལ། སྒོ་ནོར་ཐོན་སྐྱེད་འགོ་དཔོན་ཀུན་ལེགས་རིན་ཆེན་གྱི་བསྡུ་སྒྲིག་འབདཝ་ཨིན། སྒོ་ནོར་ཞིབ་འཚོལ་དང་ཐོན་སྐྱེད་ལྟེ་བ་ ཐིམ་ཕུག།

image_pdfimage_print