མི་མང་གསལ་བསྒྲགས།

སྒོ་ནོར་ལས་ཁུངས་ཀྱི་ ཐིམ་ཕུག་ཁྲོམ་དང་ཁྲོམ་གྱི་མཐའ་འཁོར་ལུ་སྡོད་མི་ཚུ་ལུ་ཁྱབ་བསྒྲགས་འབད་མི་ནང་ སྤྱང་ཁྱི་(ཇོ་བདག་ཡོད་མི་དང་མེད་མི) རོ་ཁྱི་ཚུ་ གཤག་གཏོག་མིའི་སྡེ་ཚན་གྱི་ བཟུང་ཞིནམ་ལས་ ཤ་གཏོག་ནི་དང་ སྨན་ཁབ་བཙུགས་ཞིནམ་ལས་བཏང་ནི།

འབྲུག་གི་ སྒོ་ནོར་གྱི་བཅའ་ཁྲིམས་༢༠༠༡ ཅན་མའི་ལིའུ་༩ པའི་བམ་ཚན་༢༠.༢ ལྟར་དུ་ གཅེས་པའི་སེམས་ཅན་ག་ར་ཐོ་བཀོད་འབད་དགོཔ་མ་ཚད་ ངོས་འཛིན་འབད་དགོ་ དེ་ལས་འཆོལ་ནད་བཀག་ཐབས་ཀྱི་སྨན་ཁབ་བཙུགས་ནི་དང་ གཞན་ཡང་ལྷན་ཁག་གི་ངོས་འཛིན་གྲུབ་པའི་ནད་གཞི་ཚུའི་སྨན་ཁབ་བཙུགས་དགོ་ དེ་ཡང་སྒོ་ནོར་ལས་ཁུངས་ཀྱི་བཅའ་ཡིག་དང་ཁྲིམས་ལུགས་ ༢༠༡༧ པའི་ལིའུ་༨ པའི་ནང་གསལ་ལྟར།

བམ་ཚན་༡༤༤ པའི་ནང་གསལ་ལས་ གཅེས་པའི་སེམས་ཅན་གྱི་ཇོ་བདག་ཚུ་གིས་ རང་སའི་ས་ཁོངས་ནང་ལུ་གཅེས་པའི་སེམས་ཅན་ཚུ་བདག་འཛིན་འབད་བཞག་ནི་དང་ ག་དེམ་ཅིག་འབད་མི་མང་གི་ས་ཁོངས་ནང་ལུ་འཁྱིད་འགྱོ་བ་ཅིན་ མི་མང་དང་རང་བཞིན་གནས་སྟངས་ལུ་དུས་རྒྱུན་དུ་རང་གནོད་པ་མེདཔ་འབད་ཅིག་དགོ།

བམ་ཚན་༡༤༥ པའི་ནང་གསལ་ལྟར་ གཅེས་པའི་སེམས་ཅན་ཚུ་རིགས་རྒྱུད་སྤེལ་ནིའི་དོན་ལུ་མེན་པ་ཅིན་ གཤག་གཏོག་དགོཔ་མ་ཚད་ རིགས་རྒྱུད་སྤེལ་ནིའི་དོན་ལུ་འབད་བ་ཅིན་ ཐོ་བཀོད་འབད་ཞིནམ་ལས་བདག་འཛིན་འབད་དགོཔ་མ་ཚད་ དེའི་རིགས་རྒྱུད་ལས་ཐོན་པའི་བུ་རྒྱུད་ཚུ་ཡང་ཇོ་བདག་དེ་གིས་རང་བདག་འཛིན་འབད་དགོ།

བམ་ཚན་༡༤༦ པའི་ནང་ གཅེས་པའི་སེམས་ཅན་ཐོ་བཀོད་མ་འབད་བར་ཡོད་མི་ཚུ་ ཇོ་བདག་མེདཔ་འབད་ངོས་འཛིན་འབད་ནི་དང་ དེ་ཚུའི་དོན་ལུ་ ལྷན་ཁག་དང་ས་གནས་ཀྱི་དབང་འཛིན་ཚུ་གིས་བཀག་འཛིན་གྱི་ཐབས་ལམ་ལག་ལེན་འཐབ་ནི།

འདི་འབདཝ་ལས་རྟེན་ གཅེས་པའི་སེམས་ཅན་ཚུའི་ཇོ་བདག་ཚུ་གིས་ གོ་བརྡ་ཐོས་ཡོདཔ་ལས་རྟེན་ གོང་གི་སྒོ་ནོར་གྱི་བཅའ་ཁྲིམས་༢༠༠༡ ཅན་པའི་བམ་ཚན་དང་བཅའ་ཡིག་དང་ཁྲིམས་ལུགས་༢༠༡༧ ཅན་པའི་དོན་ཚན་དང་འཁྲིལ་ སྣང་མེད་ཅན་གྱི་གཅེས་པའི་སེམས་ཅན་གྱི་ཇོ་བདག་ཚུ་གིས་རོ་ཁྱི་གྲངས་རློབས་སྦོམ་ཤོས་ཅིག་ཡར་སེང་འགྱོཝ་ཨིན་ཟེར་ཤེས་དགོཔ་གལ་ཆེ།

ག་དེམ་ཅིག་འབད་འཁྱམས་སྡོད་པའི་ཇོ་བདག་ཡོད་པའི་རོ་ཁྱི་ཚུ་གཤག་གཏོག་པའི་སྐབས་བྱ་སྟབས་མ་བདེཝ་རེ་ཐོན་ཚེ་ངོས་ལེན་མི་འབད།

གནས་ཚུལ་གྱི་དོན་ལུ་གསལ་སྟོན།

image_pdfimage_print