Archives

Monthly Archives: March 2020

Yak Cooperative Formation in Chhokor Toe under Bumthang Dzongkhag

8th to 10th March 2020: The team from Research & Extension Division (RED), National Highland and Research Development Centre (NHRDC) and Dzongkhag Livestock sector met with 40 yak herders from Chhokor Toe at Thangbi to sensitize and form a Yak Cooperative in the Dzongkhag. Chhoker Toe has two yak groups, Khendrock and Dhurdrock which involves Read more….

བུམ་ཐང་ཆོས་འཁོར་རྒེད་འོག་ལུ་ལ་ནོར་གྱི་མཉམ་ལས་ཚོགས་སྡེ་ཚོགས་ཡོད་པའི་སྐོར།

སྤྱི་ཚེས་༠༨-༠༣-༢༠༢༠ ལས་༡༠-༠༣-༢༠༢༠ ཚུན་ཉིན་གྲངས་གསུམ་གྱི་རིང་ལུ་ བུམ་ཐང་རྫོང་ཁག་ ཆོས་འཁོར་རྒེད་འོག་གི་ལ་ནོར་གྱི་མཉམ་ལས་ཚོགས་སྡེ་ཚོགས་གནང་ནིའི་སྐོར་ལས་གོ་བརྡའི་ལས་རིམ་ནང་ལུ་ སྒོ་ནོར་ལས་ཁུངས་ཀྱི་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་གོང་འཕེལ་ལྟེ་བ་བུམ་ཐང་ ད་ལས་བུམ་ཐང་རྫོང་ཁག་གི་སྒོ་ནོར་སྡེ་ཚན་གསུམ་མཉམ་འབྲེལ་གྱི་ཐོག་ལས་ གཡག་གི་མཉམ་ལས་ཚོགས་སྡེ་ཚོགས་གནང་པའི་སྐབས་ ས་ཁ་མཐོ་སའི་འཚོ་བ་གཡག་ལུ་སྟེན་མི་ཁང་འབྲྭོག་དང་དུར་འབྲྭོག་ལས་ཁྱིམ་གུང་པ་༤༠གིས་བཅའ་མར་གཏོགས་ཡོད། དེ་ཡང་ད་ལྟོ་ཚུན་གྱི་རིང་ལུ་ ཁང་འབྲྭོག་དང་དུར་འབྲྭོག་་ཟེར་གཡག་གི་སྡེ་ཚན་གཉིས་ཡོད་མི་འདི་ ད་ལས་ཕར་གཅིག་ཁར་བསྡོམས་ཞིནམ་ལས་ གཡག་གི་མཉམ་ལས་ཚོགས་སྡེ་ཚོགས་གནང་དགོ་མི་དེ་ཡང་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་གཡག་གི་སྤྱི་མཐུམ་མཉམ་ལས་ཚོགས་སྡེ་ཚོགས་གནང་ནིའི་དོན་ལུ་ཨིནམ་མ་ཚད་ མ་འོངས་པ་ལུ་མཉམ་ལས་ཚོགས་སྡེ་འདི་ལས་སྟེན་འདི་ འཐུས་མི་རེ་རེ་བཞིན་དུ་གིས་འཚོ་བ་གཡག་ལུ་སྟེན་པའི་སྐབས་དཀའ་ངལ་དང་གདོང་ལེན་ག་ཅིག་ར་ཡོད་རུང་དེ་ཚུ་གསལ་ཐབས་ཀྱི་དོན་ལུ་ཨིནམ་མ་ཚད་ ཡུན་བརྟན་གྱི་ཐོག་གཡག་གི་རིགས་ཚུ་ཉམས་མ་བཅུག་པར་གོང་འཕེལ་བཏང་ནི་དང་ མཐུན་ལམ་གོང་འཕེལ་བཏང་ནིའི་དོན་ལུ་ བུམ་ཐང་ཆོས་འཁོར་སྟོད་ལ་ནོར་མཉམ་ལས་ཚོགས་སྡེ་ཟེར་ཚོགས་གནང་ཡོདཔ་ཨིན།   མཉམ་ལས་ཚོགས་སྡེའི་གཞི་རྩ་དང་ཀུན་སྤྱོད་རྣམ་གཞག་ཚུ་ཡང་ག་ར་ལེགས་ཤོམ་འབད་འཐུས་མི་རེ་རེ་བཞིན་དུ་དང་གཅིག་ཁར་གྲོས་བསྟུན་འབད་ཡོད་པའི་ཁར་ མཉམ་ལས་ཚོགས་སྡེའི་ཁེ་ཕན་ཚུ་ཡང་ག་ར་གོ་བ་བརྡ་སྤྲོད་འབད་ཡོདཔ་ཨིན་ གཞན་ཡང་མཉམ་ལས་ཚོགས་སྡེའི་ཟུར་ཁྲིམས་དེ་ཡང་ འབྲུག་གི་མཉམ་ལས་ཚོགས་སྡེའི་བཅའ་ཁྲིམས་༢༠༠༩ དང་བསྒྲིགས་གཞི་༢༠༡༠ དང་འཁྲིལ་བརྩོམ་གནང་ཡོདཔ་མ་ཚད་འཁྲི་སྣོན་ཡང་མཛད་གནང་ཡི་ དེ་འབདཝ་ལས་འཕྲལ་མགྱོགས་རང་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ནང་ལུ་ཐོ་བཀོད་འབད་ནི་འབད་ཡིག་ཆ་ཚུ་ཡང་ག་ར་གྲ་སྒྲིག་འབད་ཚར་ཡོདཔ་ཨིན་ ལས་རིམ་འདི་སྒོ་ནོར་ལས་ཁུངས་ཀྱི་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་དང་ རྒྱལ་ཡོངས་ས་ཁ་མཐོ་སའི་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གཉིས་མཉམ་འབྲེལ་ཐོག་འགོ་འདྲེན་འཐབ་ཨིན། སྒོ་ནོར་ལས་ཁུངས་ཀྱི་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་གྱི་བུམ་ཐང་ལས་སྙན་ཞུ་འབདཝ་ཨིན།

ས་ཁ་མཐོ་སའི་སྒོ་ནོར་ལས་བྱེད་ཚུ་ལུ་ གཡག་དང་ལུག་གི་བལ་ལག་སྤྱོད་འབད་ནིའི་གོ་བརྡའི་ལས་རིམ།

ས་ཁ་མཐོ་སའི་སྒོ་ནོར་ལས་བྱེད་ཚུ་ལུ་ གཡག་དང་ལུག་གི་བལ་ལག་སྤྱོད་འབད་ནིའི་གོ་བརྡའི་ལས་རིམ། ང་བཅས་རང་འབྲུག་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུག་ལས་རང་ རྒྱུ་གཡག་དང་ལུག་གི་བལ་ལས་ཐོན་སྐྱེད་འབྱུང་ཡོད་པའི་ གོ་ལ་ འབྱཱ་ གུར་ ཐགཔ་ མལ་ཆ་དང་གཞན་ཡང་ཅ་ཆས་སྣ་ཚོགས་བཟོ་བསྐྲུན་འབད་དེ་ལག་ལེན་འཐབ་སྟེ་རང་ཡོད་མི་དེ་ངོ་རྟགས་བཟང་པོ་ཅིག་ཨིན་རུང་ རྒྱལ་ཁབ་གོང་འཕེལ་དང་དུས་ཀྱི་འགྲུར་བ་དང་འཁྲིལ་ བལ་གྱི་ཅ་ཆས་དང་འཐོན་སྐྱེད་བཟོ་བསྐྲུན་འབད་ནི་དང་ དེའི་མཁས་མཆོག་ཡོད་མི་ཚུ་ལོ་ལྟར་ཞིན་དུ་མར་ཉམས་འགྱོ་དོ་ཡོདཔ་ལས་རྟེན་ ང་བཅས་རང་ག་ར་ཚ་རྒྱང་ལངས་དགོ་པའི་དུས་ཁར་ལྷོད་ཡོད་ རང་ལུགས་སྔར་སྲོལ་བཟང་པོའི་ བལ་ལག་ལེན་འཐབ་ཐངས་ཀྱི་མཁས་མཆོག་ཚུའི་རིག་རྩལ་སྤེལ་ནི་དང་ འཐོན་སྐྱེད་ངོས་འཛིན་འབད་ནི་ ཡིག་ཐོག་ལུ་བཀོད་དེ་ཀི་སྡེབ་པར་བསྐྲུན་འབད་ནི་དང་འཆར་གཏི་བརྩོམ་ནིའི་དོན་ལུ་ ས་ཁ་མཐོ་སའི་རྫོང་ཁག་ ཧཱ་ སྤ་རོ་ མགར་ས་ བཀྲིས་སྒང་  དབང་འདུས་ཕོ་བྲང་ ཐིམ་ཕུག་དང་ བུམ་ཐང་བྱ་དཀར་ ས་ཁ་མཐོ་སའི་ཞིབ་འཚོལ་གོང་འཕེལ་ལྟེ་བའི་ནང་ལས་ སྒོ་ནོར་ལས་བྱེདཔ་༡༧ གིས་ སྤྱི་ཚེས་༢༨-༠༢-༢༠༢༠ ལས་ ༠༡-༠༣-༢༠༢༠ ཚུན་ཉིན་གྲངས་གསུམ་གྱི་ བུམ་ཐང་བདེ་ཆེན་དཔལ་རི་ཐང་ རྒྱལ་ཡོངས་ལུག་རིགས་རྒྱུད་སྤེལ་ཁང་ནང་ལུ་ ལག་ཐོག་སྦྱོང་བརྡར་གྱི་ལས་རིམ་ནང་ལུ་བཅའ་མར་གཏོགས་ཡོདཔ་ཨིན། དེའི་སྐབས་ བལ་ལག་ལེན་འཐབ་སྟེ་ཅ་ཆས་མ་འདྲཝ་བཟོ་མི་མཁས་མཆོག་ རིན་སྤུངས་རྫོང་ཁག་ བཙན་ཏོག་རྒེད་འོག་ གཡུས་སོད་གཡག་ས་ལས་ ཀུན་བཟང་དང་ བཟོ་བོ་བཙན་སྐྱོགས་གཉིས་ཀྱི་ཡང་བཅའ་མར་གཏོགས་ཡོདཔ་མ་ཚད་ ཡོན་ཏན་ཚུ་བརྗེད་སོར་འབད་ཡི་ དོ་རུང་ ད་ལྟོ་སྡོད་ནས་བུམ་ཐང་ལུ་ཡོད་པའི་ བཀྲིས་སྒང་རྫོང་ཁག་ ཁ་གླིང་ལས་ཨིན་མི་ ངོ་མིང་ཨོ་རྒྱན་རྡོེ་གིས་ཡང་བཅའ་མར་གཏོགས་ཡོདཔ་མ་ཚད་ ཁོ་གིས་བཤད་མི་ནང་ལུ་ ཁོ་རའི་ཕམ་གྱི་སྐབས་ལས་རང་ མི་ཐེངས་གསུམ་གྱི་རིང་ལུ་བལ་གྱི་ལཱ་འབད་ནི་ནང་ལུ་མཁས་མཆོག་ཡོད་པའི་ཁར་ ད་ལྟོ་ཁོ་གིས་ཡང་ཁོ་རའི་ཕམ་ལས་ཐོབ་ཡོད་པའི་ལག་རྩལ་ཚུ་རྒྱུན་མ་ཉམས་པར་བལ་གྱི་ལཱ་ཚུ་འབད་ཡོདཔ་ལས་རྟེན་ འདི་བཟུམ་མའི་མཁས་མཆོག་ཚུ་མ་ཉམས་པར་བཞག་ནིའི་དོན་ལུ་ ན་ཞོན་དངས་འདོད་དང་སྤྲོ་བ་ཡོད་མི་ག་ར་ལུ་སྟོན་བྱིན་ནི་ཨིན་ཟེར་བཤད་ཅི་ Read more….

image_pdfimage_print